དྲ་ཚིགས་འདིས་ཕྱི་རྒྱལ་གྱི་ཐེ་ཇུས་གང་ཡིན་པ་དང་། དེས་ཁྱེད་དང་ཁྱེད་ཀྱི་མཐུན་ཚོགས་ལ་ཤུགས་རྐྱེན་གང་ལྟར་ཐེབས་སྲིད་པ་དང་། ཁྱེད་ཀྱིས་གནས་ཚུལ་ཤེས་རྟོགས་དང་རང་ཉིད་ཀྱི་བདེ་འཇགས་སྲུང་ཆེད་ལག་ལེན་བསྟར་ཐུབ་པའི་སྟབས་བདེའི་བྱ་རིམ་གང་ཡོད་སྐོར་གོ་རྟོགས་སྤེལ་རོགས་བྱེད་ཀྱི་ཡོད།
ཕྱིའི་རྒྱལ་ཁབ་གཞན་གྱི་སྲིད་གཞུང་ཞིག་གིས་རང་ཉིད་ཀྱི་ཁེ་ཕན་དོན་དུ་ཨོ་སི་ཊོ་ལི་ཡའི་ནང་སྲིད་ལ་ཐེ་ཇུས་བྱས་ནས་གནོད་འཚེ་གཏོང་ཐབས་བྱེད་པ་ལ་ཕྱི་རྒྱལ་གྱིས་ཐེ་ཇུས་བྱེད་པ་ཟེར། དེའི་ནང་ཨོ་སི་ཊོ་ལི་ཡའི་ཐག་གཅོད་བྱ་རིམ་ཐད་ཁོ་ཚོས་གསང་བའི་ཐོག་ཇུས་གཏོགས་བྱེད་པའམ་ཡང་ན་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་མི་ཚོར་འཇིགས་སྐུལ་བྱེད་པ་སོགས་ཚུད་ཡོད།
ཕྱི་རྒྱལ་གྱི་ཐེ་ཇུས་ནི་ཨོ་སི་ཊོ་ལི་ཡའི་ནང་འབྱུང་བཞིན་པ་དང་དེས་ང་ཚོ་ཚང་མར་ཤུགས་རྐྱེན་ཐེབས་སྲིད།
ཕྱི་རྒྱལ་སྲིད་གཞུང་གིས་ང་ཚོའི་མི་དམངས་དང་སྤྱི་ཚོགས་ཁ་གཏོར་གཏོང་བ་དང་། ཁོ་ཚོར་ལྟ་ཞིབ་དང། འཇིགས་སྐུལ་བྱེད་ཐབས་བྱེད་སྲིད།
འདི་འགྲིག་གི་མ་རེད། ཨོ་སི་ཊོ་ལི་ཡའི་ནང་མི་ཚང་མར་བདེ་འཇགས་ཚོར་བའི་ཐོབ་ཐང་ཡོད།
ཨོ་སི་ཊོ་ལི་ཡའི་གཞུང་གིས་ཁྱེད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།
དྲ་ཚིགས་འདི་ནི་ཕྱི་རྒྱལ་གྱི་ཐེ་ཇུས་སྐོར་སེམས་འཁུར་ཡོད་མཁན་ཚོ་དང་། དེའི་ཉམས་མྱོང་ཡོད་མཁན་མི་སྒེར་དང་སྤྱི་ཚོགས་ཀྱི་མི་སྣ་ཚོའི་ཆེད་དུ་ཡིན།
བཟོ་ལས་དང། གཞུང། མཐོ་སློབ་ཁག་དང། ཞིབ་འཇུག་དང་གསར་འགྱུར་བརྒྱུད་ལམ་གྱི་ཚོགས་པ་ཁག་གིས་ཆེད་དུ་ཆ་འཕྲིན་འདི་ནས་རྙེད་ཐུབ། ཕྱི་རྒྱལ་གྱི་ཐེ་ཇུས་འགོག་ཐབས་བྱེད་པ།(Opens in a new tab/window)