ཨོ་སི་ཊོ་ལི་ཡའི་གཙུག་ལག་མཐོ་སློབ་ཁག་ལ་ཐེ་ཇུས་བྱེད་པའི་ཉེན་ཁ།

ཨོ་སི་ཊོ་ལི་ཡའི་གཙུག་ལག་མཐོ་སློབ་གི་སློབ་མ་ཞིག་ཡིན་པའི་ཆ་ནས། རང་དབང་དང་གུས་ཞབས་ལྡན་པའི་སྒོ་ནས་རང་གི་ཡིད་ཆེས་དང་བསམ་ཚུལ་་སྣ་ཚོགས་བརྗོད་ཆོག་པའི་ཡར་དོན་སྤྱི་ཚོགས་ཞིག་གི་ནང་ཚུད་ཀྱི་ཡོད།

སློབ་མ་དང་ཉམས་ཞིབ་པ་སོགས་མི་ཚང་མར་རང་དབང་གི་སྐད་ཆ་བཤད་རྒྱུ་དང་བདེ་འཇགས་ངང་གནས་པའི་ཐོབ་ཐང་ཡོད། མི་སུ་འདྲ་ཞིག་གིས་ལྷག་པར་དུ་ཕྱི་རྒྱལ་གཞུང་ཞིག་གམ་ཡང་ན་ཕྱི་རྒྱལ་གཞུང་གི་ཚབ་བྱེད་མཁན་ཞིག་གིས་ཁྱེད་རང་ལ་བཙན་སྐུལ་དང་ལྐོག་ལྟ། འཇིགས་སྐུལ་བྱེད་པ་དང་བསུན་པོ་བཟོ་བ་སོགས་བྱེད་མི་རུང།

སློབ་མ་དང་ཞིབ་འཇུག་པ་ཚོས་ཀྱང་ཨོ་སི་ཊོ་ལི་ཡར་ཡོད་པའི་སྐབས་ཨོ་སི་ཊོ་ལི་ཡའི་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་དགོས་ཡོད་པ་རེད།

དེའི་སྐོར་སེམས་ཁུར་ཡོད་པའི་གནས་ཚུལ་སྙན་སེང་ཞུ་རོགས།

གལ་སྲིད་ཁྱེད་ལ་མི་སུ་འདྲ་ཞིག་གིས་ཕྱི་རྒྱལ་གྱི་ཐེ་ཇུས་ལ་ནང་ཞུགས་བྱེད་དགོས་པའམ་ཡང་ན་ཕྱི་རྒྱལ་གྱི་ཐེ་ཇུས་ཀྱི་ལས་འགུལ་སྤེལ་བའི་སྐོར་ཤེས་རྟོགས་བྱུང་ན། རྒྱལ་ཡོངས་བདེ་སྲུང་གི་འཕྲིན་ལམ་(Opens in a new tab/window)བརྒྱུད་ནས་སྙན་སེང་ཞུ་རོགས། དེ་མིན་གསང་མྱུལ་དང་། ནང་ཁུལ་གྱི་ཉེན་ཁ། ཕྱི་རྒྱལ་གྱི་ཐེ་ཇུས་བྱེད་སྲིད་པའི་བློ་འཚབ་རྣམས་ NITRO དྲ་སྒོ་(Opens in a new tab/window)བརྒྱུད་ནས་སྙན་སེང་ཞུ་རོགས།

གལ་སྲིད་ཁྱེད་ལ་ཕྱི་རྒྱལ་གྱི་ཐེ་ཇུས་ཀྱི་ཉམས་མྱོང་ཡོད་པའམ་ཡང་ན་ཁྱེད་ཀྱིས་དེའི་ལས་འགུལ་ཞིག་མཐོང་ཐོས་བྱུང་བ་དང་དེའི་སྐོར་ཨོ་སི་ཊོ་ལི་ཡའི་གཞུང་གི་འགན་འཛིན་ལ་སྙན་ཞུ་གཏོང་བ་ཡིན་ན། ཁྱེད་ལ་དེའི་ཐད་སྲུང་སྐྱོབ་ཐོབ་རྒྱུ་ཡིན་པ་དང་ཁྱེད་ཀྱིི་ཐོངས་མཆན་ཕྱིར་བསྡུ་བྱེད་ཀྱི་མ་རེད།

ཁེད་ཀྱིསརྒྱལ་ཡོངས་བདེ་སྲུང་གི་འཕྲིན་ལམ་(Opens in a new tab/window)བརྒྱུད་སྙན་སེང་ཞུ་དགོས་པ་དང། རང་གི་མཐོ་སློབ་ཀྱི་སྐུ་ཚབ་ཚོར་ཡང་ཕྱི་རྒྱལ་གྱི་ཐེ་ཇུས་ཀྱི་བྱེད་སྒོ་དང་ལས་འགུལ་མཐོང་ཐོས་སྐོར་སྙན་སེང་ཞུ་དགོས། དེའི་ཆེད་ཉེན་སྲུང་བ་གང་ཞིག་ཡང་ན་སློབ་ཕྲུག་ཞབས་ཞུའི་ལས་ཁུངས་ལ་འབྲེལ་བ་བྱེད་པ་འམ་ཡང་ན་གཙུག་ལག་མཐོ་སློབ་ཀྱི་སྙན་སེང་ཞུ་བའི་འབྲེལ་ལམ་ཐོག་སྙན་སེང་ཞུ་དགོས། ཞབས་ཞུ་འདི་དག་སློབ་ཕྲུག་ཚོའི་བདེ་འཇགས་ཆེད་དུ་ཡིན་པ་དང་ཁོ་ཚོའི་སྒེར་གྱི་གསང་དོན་སྲུང་བྱའི་ཐོག་སྒྲིག་གཞི་དམ་པོ་ཡོད་རེད།

ཨོ་སི་ཊོ་ལི་ཡའི་གཙུག་ལག་མཐོ་སློབ་ཁག་ལ་ཐེ་ཇུས་བྱེད་པའི་ཉེན་ཁ།

Sign up

Sign up for news and updates from our agency.