རང་གི་ཕ་ཡུལ་དུ་ལོག་དགོས་པའི་གནོན་ཤུགས།

ཕྱི་རྒྱལ་གྱི་སྲིད་གཞུང་ཁག་གིས་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་མི་ཚོ་སོ་སོའི་རང་ཡུལ་དུ་ཕྱིར་ལོག་བྱ་རྒྱུ་མ་གཏོགས་གདམ་ག་གཞན་མེད་པར་བསམ་པར་ཐབས་ལམ་མི་འདྲ་བ་མང་པོ་བེད་སྤྱོད་བྱེད་སྲིད། འདི་ལ་བཙན་ཤེད་ཀྱིས་ཕྱིར་སྤྲོད་གནས་སྤོ་ཟེར། དཔེར་ན།

  • མི་གང་ཟག་ཞིག་དང་ཁོ་མོའི་ནང་མི་དང་ངོ་ཤེས་ཚོར་འགྲུལ་བཞུད་ཀྱི་བཀག་སྡོམ་བྱེད་པ།
  • རྒྱུ་ནོར་དང་དངོས་པོ་སོགས་ལ་བཀག་འགོག་བྱེད་པ།
  • མི་གང་ཟག་ཞིག་ལ་རང་གི་རྒྱལ་ཁབ་ཏུ་ཕྱིར་ལོག་བྱེད་ཆེད་ཁོ་མོའི་ནང་མི་དང་གྲོགས་པོ་ཚོར་གནོན་ཤུགས་སྤྲོད་པ།

ཁོ་ཚོས་ཁྱེད་རང་ནག་ཉེས་ཆེད་ཁྲིམས་གཏུགས་བྱ་རྒྱུ་ཕ་ཡུལ་དུ་ལོག་དགོས་པའི་འཇིགས་སྐུལ་ཡང་བྱེད་སྲིད། འདི་ལ་ཕྱིར་སྤྲོད་ཟེར།

གལ་ཏེ་ཁྱེད་ལ་ཕྱིར་སྤྲོད་བྱ་རྒྱུའི་འཇིགས་སྐུལ་བྱས་ཡོད་ན།

ཨོ་སི་ཊོ་ལི་ཡའི་གཞུང་གིས་ཕྱི་རྒྱལ་གྱི་གཞུང་ཁག་ཅིག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལག་བསྟར་བྱེད་དགོས་པའི་རེ་འདུན་ལ་ལོག་སྤྱོད་བྱེད་ཀྱི་ཡོད་པ་ངོས་ལེན་བྱེད་ཀྱི་ཡོད། ཨོ་སི་ཊོ་ལི་ཡའི་གཞུང་དང་ཕྱི་རྒྱལ་གཞུང་བར་ད་ལྟའི་ཆ་མུ་མཐུད་ནས་འབྲེལ་བ་ཡོད་ཀྱང་། ང་ཚོས་ཨོ་སི་ཊོ་ལི་ཡའི་མི་མང་དང་མི་སེར་ཚོར་ཆབ་སྲིད་ཀྱི་གནོད་འཚེ་ལས་སྲུང་སྐྱོབ་བྱེད་བར་ཕྱིར་སྤྲོད་ཀྱི་གནས་ཚུལ་རེ་རེ་ཞིབ་བཤེར་ནན་ཏན་བྱེད་ཀྱི་ཡོད།

གལ་སྲིད་ཁྱེད་རང་ཕྱི་རྒྱལ་གཞུང་གི་དབང་འཛིན་པ་ཚོས་འབྲེལ་བ་བྱས་ཏེ་ཕྱིར་སྤྲོད་ཀྱི་འཇིགས་སྐུལ་བྱས་ན། ཨོ་སི་ཊོ་ལི་ཡའི་ནང་གནོད་འཚེ་མེད་པའི་ངང་འཚོ་བའི་ཐོབ་ཐང་དེ་སྲུང་སྐྱོབ་བྱེད་ཐུབ་པའི་ཆེད་དུ་ཉེན་རྟོག་པའི་ཨང་གྲངས་ ༡༣༡ ༤༤༤ ལ་འབྲེལ་བ་གནང་རོགས།

གལ་སྲིད་ཁྱེད་རང་ལ་ཁྲིམས་མཐུན་གྱི་འཛིན་བཟུང་བཀའ་རྒྱ་གཏོང་ཡོད་པའམ་ཡང་ན་ཕྱི་རྒྱལ་དུ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་འཛུགས་ཕོག་ཡོད་ན།་ཨོ་སི་ཊོ་ལི་ཡའི་གཞུང་གིས་ངོས་འཛིན་ཡོད་པའི་རྒྱལ་སྤྱིའི་ཕྱིར་སྤྲོད་ལམ་སྲོལ་ལ་འབྲེལ་བ་བྱེད་ཀྱི་ཡོད།་ ཕྱིར་སྤྲོད་ཀྱི་ལས་དོན་ནང་ཕྱི་རྒྱལ་གཞུང་གི་དབང་འཛིན་པ་ཚོས་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་མི་དང་འབྲེལ་བ་བྱེད་པའམ་ཡང་ན་འཛིན་བཟུང་བྱེད་པའི་འགན་དབང་མེད།

སྐབས་རེ་ཕྱི་རྒྱལ་གྱི་གཞུང་དང་ཁོ་ཚོའི་སྐུ་ཚབ་ཚོས་མི་སྒེར་བ་ཁག་ཅིག་ལ་འདོད་པ་དང་མི་མཐུན་པར་ཨོ་སི་ཊོ་ལི་ཡ་ནས་ཕྱིར་འཐོན་བྱེད་དགོས་པའི་བཙན་བཀའ་གཏོང་ཐབས་བྱེད་སྲིད། འདི་ཨོ་སི་ཊོ་ལི་ཡའི་ནང་ངོས་ལེན་བྱེད་ཀྱི་མེད།

གལ་སྲིད་ཁྱེད་རང་ཡང་ན་ཁྱེད་རང་གིས་ངོ་ཤེས་མི་སུ་ཞིག་ལ་ཨོ་སི་ཊོ་ལི་ཡ་ནས་བཙན་ཤེད་ཀྱིས་ཕྱིར་འཐེན་བྱེད་པའི་ཉེན་ཁ་ཡོད་ན། ཉེན་རྟོག་པར་ཨང་གྲངས་ ༡༣༡ ༤༤༤ ཡང་ན་ཛ་དྲག་གི་གནས་སྟངས་འོག་ཨང་གྲངས་ ༠༠༠ ལ་ཁ་པར་གཏོང་རོགས་གནང།

རང་གི་ཕ་ཡུལ་དུ་ལོག་དགོས་པའི་གནོན་ཤུགས།

Sign up

Sign up for news and updates from our agency.