ཕྱི་རྒྱལ་གྱི་ཐེ་ཇུས་མ་འགྲིག་པ་ཡིན་པའི་རྒྱུ་མཚན།

ང་ཚོའི་སྤྱི་ཚོགས་ཀྱི་ཁོངས་མི་རྣམས་རྒྱལ་ཁབ་གཞན་གྱི་སྲིད་གཞུང་གིས་དྲག་གནོན་བྱས་ཏེ། ཨོ་སི་ཊི་རི་ཡའི་ནང་མི་སྒེར་གྱི་ཐོབ་ཐང་དང་རང་དབང་ལོངས་སུ་སྤྱོད་པ་འགོག་ཐབས་བྱེད་པ་ནི་ངོས་ལེན་བྱེད་མ་རུང་བ་ཞིག་རེད།

ཨོ་སི་ཊོ་ལི་ཡའི་མི་རེ་ངོ་རེར་བདེ་འཇགས་ངང་གནས་པ་དང། སྤྱི་ཚོགས་ཀྱི་ཁོངས་སུ་འཚུད་པ་དང། སྤྱི་ཚོགས་དང་གྲོང་སྡེའི་འཚོ་བའི་ནང་མཉམ་ཞུགས་བྱེད་པའི་ཐོབ་ཐང་ཡོད་། སྟོབས་ཤུགས་འདིས་ང་ཚོའི་སྤྱི་ཚོགས་ལ་རྨང་གཞི་བརྟན་པོ་འདིང་ཐུབ།

ཨོ་སི་ཊོ་ལི་ཡའི་ནང་ང་ཚོའི་འོས་བསྡུའི་རྩ་དོན་ནི་རང་དབང་དང་དྲང་བདེན་ངང་བྱེད་ཀྱི་ཡོད་པས། འདིའི་ང་ཚོས་ཁྱེད་རང་གི་འོས་འདེམས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་པ་དང་ཁྱེད་རང་གིས་སུ་ལ་འོས་འདེམས་བྱེད་མིན་དེ་གསང་འཇོག་བྱེད་ཀྱི་ཡོད།

ཕྱི་རྒྱལ་གྱི་ཐེ་ཇུས་ཀྱིས་ཨོ་སི་ཊོ་ལི་ཡར་གནོད་སྐྱེས་སྲིད་པ་དང་། འདིར་སྡོད་མཁན་ཚང་མར་ཡང་གནོད་སྐྱེས་སྲིད།

ང་ཚོ་ཚང་མར་ཨོ་སི་ཊོ་ལི་ཡའི་ནང་ཕྱི་རྒྱལ་གྱི་ཐེ་ཇུས་འགོག་ཐབས་བྱེད་པའི་ལས་འགན་ཡོད་པ་དང་། དེས་ང་ཚོས་མུ་མཐུད་ནས་བདེ་འཇགས་དང་ཀུན་ལ་བསྟུན་པའི་སྤྱི་ཚོགས་ཤིག་གི་ནང་འཚོ་བ་རོལ་ཐུབ།

ཕྱི་རྒྱལ་གྱི་ཐེ་ཇུས་ནི་ཨོ་སི་ཊོ་ལི་ཡའི་ནང་ནག་ཉེས་ཞིག་ཡིན་པ་དང་རྒྱལ་ཡོངས་ཁྲིམས་དོན་བཅའ་ཁྲིམས་ལག་དེབ་ ༡༩༩༥ (Commonwealth Criminal Code Act 1995(Opens in a new tab/window))འོག་ལོ་ ༢༠ བར་བཙོན་འཇུག་གི་ཉེས་ཆད་ཕོག་ཆོག་པར་བཀོད་ཡོད།

ཨོ་སི་ཊོ་ལི་ཡའི་གཞུང་གིས་ཁྱེད་རང་སྲུང་སྐྱོབ་བྱེད་པར་གང་བྱེད་ཀྱི་ཡོད་དམ།

དཔྱད་ཞིབ་དང་འགོག་བཅོས།

ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་ཕྱི་རྒྱལ་ཐེ་ཇུས་འགོག་པའི་ལས་འགུལ་གྱིས་གསང་མྱུལ་དང་ཕྱི་རྒྱལ་གྱི་ཐེ་ཇུས་ཀྱི་ལས་དོན་ཐད་ཡ་ལན་བྱེད་པར་འགོ་ཁྲིད་བྱེད་ཀྱི་ཡོད། ལས་འགུལ་འདིས་ཕྱི་རྒྱལ་གྱི་ཐེ་ཇུས་དང་སོ་ཉུལ་གྱི་བྱ་སྤྱོད་ངོས་འཛིན་དང་ཞིབ་འཇུག། དེ་དག་ལ་འགོག་བཅོས་གཏོང་ཐབས་བཅས་བྱེད་ཀྱི་ཡོད།

དངུལ་འཇོག།

ཨོ་སི་ཊོ་ལི་ཡའི་གཞུང་གིས་ཕྱི་རྒྱལ་གྱི་ཐེ་ཇུས་འགོག་ཐབས་འབད་བརྩོན་བྱེད་པར་ཤུགས་སྣོན་རྒྱག་པ་དང་ཨོ་སི་ཊོ་ལི་ཡའི་མི་མང་ལ་ཉེན་ཁ་འདི་ལས་སྲུང་སྐྱོབ་བྱེད་ཆེད་ ༢༠༢༤ ནས ༢༠༢༥ ནས་ལོ་ངོ་ ༤ རིང་ཨོ་སྒོར་ས་ཡ་ ༧༡་༦ དངུལ་འཇོག་བྱས་ཡོད།

མཐུན་ཚོགས་ཀྱི་ནུས་སྟོབས་འཕེལ་རྒྱས་གཏོང་བ།

ཨོ་སི་ཊོ་ལི་ཡའི་གཞུང་གིས་རྒྱུན་དུ་གནོད་རྐྱེན་ཐེབས་ཡོད་པའིི་མཐུན་ཚོགས་དང་མཉམ་འབྲེལ་བྱས་ཏེ་སྤྱི་ཚོགས་ཀྱི་སེམས་ཁུར་དང་དགོས་མཁོ་རྟོགས་ཀྱི་ཡོད་པ་མ་ཟད། མཐུན་ཚོགས་ཀྱི་བདེ་འཇགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།

ཕྱི་རྒྱལ་གྱི་ཐེ་ཇུས་ཀྱི་བྱ་སྤྱོད་ཕྱིར་བསྒྲགས་བྱེད་པ།

ཨོ་སི་ཊོ་ལི་ཡའི་གཞུང་གི་ཕྱི་རྒྱལ་གྱི་ཐེ་ཇུས་ངོས་འཛིན་བྱེད་པའི་སྒྲོམ་གཞིའི་འོག་ཕྱི་རྒྱལ་གྱི་ཐེ་ཇུས་བྱ་སྤྱོད་གང་ཞིག་མི་དམངས་ཡོངས་ལ་གསལ་བསྒྲགས་བྱེད་ནུས། ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་མཐུན་ན་དེ་ལྟར་བྱེད་ངེས།

ཕྱི་རྒྱལ་གྱི་ཐེ་ཇུས་མ་འགྲིག་པ་ཡིན་པའི་རྒྱུ་མཚན།

Sign up

Sign up for news and updates from our agency.