སེམས་ཁམས་འཕྲོད་བསྟེན་ཐོག་རོགས་རམ།
ཕྱི་རྒྱལ་གྱི་ཐེ་ཇུས་ཀྱིས་ཁྱེད་རང་གི་སེམས་ཁམས་འཕྲོད་བསྟེན་དང་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད།
གལ་སྲིད་དྲ་ཚིགས་འདིའི་ནང་དུ་བཀོད་པའི་བརྗོད་གཞི་གང་རུང་ཞིག་གི་དོན་དུ་སེམས་ཁྲལ་དང་བློ་འཚབ་ཡང་ན་སེམས་ཕམ་སྐྱེ་བ་སོགས་འབྱུང་ཡོད་པ་ཡིན་ན། ཁྱེད་རང་ལ་རོགས་རམ་དང་རྒྱབ་སྐྱོར་ཡོད།
རོགས་རམ་འདི་རིན་མེད་དང་གསང་རྒྱ་ཡོད་པའི་ངང་ཉིན་མཚན་རྟག་ཏུ་ཐོབ་ཐུབ། ཚོགས་པ་ཁ་ཤས་ཀྱི་ཁྱེད་ཀྱི་སྐད་ཡིག་ནང་རོགས་རམ་སྤྲོད་སྲིད།
- Lifeline (རང་ཤིའི་སྔོན་འགོག།): ༡༣ ༡༡ ༡༤
- Beyond Blue: ༡༣༠༠ ༢༢༤ ༦༣༦
- མེ་དྲི་ཀེར་སེམས་ཁམས་འཕྲོད་བསྟེན།: ༡༨༠༠ ༥༩༥ ༢༡༢
- SANE Australia: ༡༨༠༠ ༡༨༧ ༢༦༣
- Embrace Multicultural Mental Health(Opens in a new tab/window)
- FASSTT(Opens in a new tab/window)
དྲ་ཐོག་བདེ་འཇགས།
དྲ་ཐོག་བདེ་འཇགས་འགན་འཛིན་ལྷན་ཚོགས་ཀྱི་དྲ་ཚིགས་རྒྱུད་(Opens in a new tab/window)ཁྱེད་རང་གིས་དྲ་རྒྱ་བེད་སྤྱོད་བྱེད་པར་རོགས་རམ་བྱེད་པའི་ཆ་འཕྲིན་ཐོན་ཁུངས་མང་པོ་རྙེད་ཐུབ།
ཨོ་སི་ཊོ་ལི་ཡའི་འོས་བསྡུའི་སྐོར་ཆ་འཕྲིན།
ཨོ་སི་ཊོ་ལི་ཡའི་འོས་བསྡུ་ལྷན་ཚོགས་ (AEC)(Opens in a new tab/window) ནི་ཨོ་སི་ཊོ་ལི་ཡའི་སྤྱི་མཐུན་འོས་བསྡུའི་ནང་ཐོ་འགོད་དང་འོས་འཕེན་བྱེད་སྟངས་སྐོར་གནས་ཚུལ་ཤེས་རྟོགས་ཡོང་ཆེད་ཡིད་རྟོན་འཕེར་བའི་ཁུངས་སྣེ་གཙོ་བོ་ཞིག་རེད། དེ་བཞིན་ཨེ་ཨི་སིར་སྐད་ཡིག་སྣ་ཚོགས་ནང་ཆ་འཕྲིན་(Opens in a new tab/window)རིགས་སྣ་ཚོགས་ཀྱང་ཡོད།
ཁྱེད་ཀྱིས་ཨེ་ཨི་སི་ཡི་ཁ་པར་ཨང་གྲངས་ ༡༣ ༢༣ ༢༦ ཐོག་ཁ་པར་གཏོང་བ་ཡང་ན་གོང་འཁོད་འབྲེལ་ཐག་ནང་ཡོད་པའི་ཁ་པར་གྱི་སྐད་སྒྱུར་ཞབས་ཞུ་བརྒྱུད་ནས་ཁྱེད་ཀྱི་སྐད་ཡིག་ཐོག་བྲེལ་བ་གནང་ན་འགྲིག་གི་རེད།
ཨོ་སི་ཊོ་ལི་ཡའི་འོས་བསྡུ་ལྷན་ཚོགས་ (AEC) ཀྱིས་རྒྱལ་ཡོངས་འདེམས་བསྐོའི་བཅའ་ཁྲིམས་་༡༩༡༨ གི་ཁྲིམས་གཞིའི་ནང་འདེམས་བསྐོའི་ཁྱབ་བསྒྲགས་རྣམས་དཔར་སྐྲུན་བྱེད་མཁན་གྱིས་ཆོག་མཆན་ལེན་དགོས་པ་(Opens in a new tab/window)བཀོད་ཡོད་པ་དེ་ལག་བསྟར་བྱས་ཏེ། གནས་ཚུལ་ཕྱི་གསལ་ནང་གསལ་ཡོང་ཐབས་བྱེད་ཀྱི་ཡོད། ཨེ་ཨི་སི་ (AEC) ཡིས་འོས་ཤོག་འཕེན་མཁན་ཚང་མར་འོས་བསྡུའི་ཁྱབ་བསྒྲགས་དང་ཆ་འཕྲིན་ཡོད་ཚད་ཀྱི་ཐོན་ཁུངས་ལ་ངེས་པར་དུ་‘དུས་ཚོད་བཏོན་ནས་དཔྱད་ཞིབ་’(Opens in a new tab/window) བྱེད་དགོས་པའི་རེ་སྐུལ་ཡང་བྱེད་ཀྱི་ཡོད།
ཨོ་སི་ཊོ་ལི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས།
ཨོ་སི་ཊོ་ལི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་(Opens in a new tab/window)ཀྱིས་ཁྱེད་ཀྱི་རང་ཉིད་འགྲོ་བ་མིའི་ཐོབ་ཐང་སྐོར་ཤེས་རྟོགས་ཡོང་བ་དང་དང་དེ་སྲུང་སྐྱོབ་བྱེད་པར་རོགས་རམ་བྱེད་པའི་ཆ་འཕྲིན་ཁག་མཁོ་སྤྲོད་བྱེད་ཀྱི་ཡོད།
ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་ཉེན་རྟོག་ལྷན་ཚོགས།
AFP ཡིས་ཕྱི་རྒྱལ་གཞུང་གིས་འཇིགས་སྐུལ་དང་ཐུབ་ཚོད་ཇི་ལྟར་སྙན་སེང་ཞུ་དགོས་པའི་སྐོར་དོན་དངོས་འགྲེལ་བརྗོད་ལག་དེབ་ཅིག(Opens in a new tab/window)་མཁོ་སྤྲོད་བྱས་ཡོད།
ཁྲིམས་དོན་དང་འབྲེལ་བའི་ཆ་འཕྲིན་ཁག།
ཁྲིམས་དང་འབྲེལ་བའི་ཆ་འཕྲིན་དང། ཞབས་ཞུ་ཁག་དང། ཁ་པར་ཐོག་ནས་ལམ་སྟོན་ལྟ་བུའི་རོགས་རམ་ཅུང་ཙམ་གང་ཞིག་དགོས་ཡོད་ན། ཁྱེད་རང་གི་ས་གནས་མངའ་སྡེ་ཡང་ན་མངའ་ཁོངས་ཁྲིམས་དོན་རོགས་རམ་ཚོགས་པར་འབྲེལ་བ་གནང་འདོད་ཡོད་ངེས།
- ཨེ་སི་ཊི། - ཨེ་སི་ཊི་ཁྲིམས་དོན་རོགས་སྐྱོར་ཚོགས་པ།(Opens in a new tab/window)
- ནིའུ་སའོ་ཐི་ཝེལ་སི། - ནིའུ་སའོ་ཐི་ཝེལ་སི་ཁྲིམས་དོན་རོགས་སྐྱོར་ཚོགས་པ།(Opens in a new tab/window)
- ཨེན་ཊི། - ཨེན་ཊི་ཁྲིམས་དོན་རོགས་སྐྱོར་ཚོགས་པ།(Opens in a new tab/window)
- ཁུ་ཝིན་སི་ལེན། - ཁུ་ཝིན་སི་ལེན་གྱི་ཁྲིམས་དོན་རོགས་སྐྱོར་ཚོགས་པ།(Opens in a new tab/window)
- ལྷོ་ཨོ་སི་ཊོ་ལི་ཨ། - ལྷོ་ཨོ་སི་ཊོ་ལི་ཨའི་ཁྲིམས་དོན་རོགས་སྐྱོར་ཚོགས་པ།(Opens in a new tab/window)
- ཏ་སི་མ་ནི་ཨ། - ཏ་སི་མ་ནི་ཨའི་ཁྲིམས་དོན་རོགས་སྐྱོར་ཚོགས་པ།(Opens in a new tab/window)
- ཝིག་ཊོ་རི་ཡ། - ཝིག་ཊོ་རི་ཡའི་ཁྲིམས་དོན་རོགས་སྐྱོར་ཚོགས་པ།(Opens in a new tab/window)
- ནུབ་ཨོ་སི་ཊོ་ལི་ཨ། - ནུབ་ཨོ་སི་ཊོ་ལི་ཨའི་ཁྲིམས་དོན་རོགས་སྐྱོར་ཚོགས་པ།(Opens in a new tab/window)
ཨོ་སི་ཊོ་ལི་ཡའི་དབང་འཛིན་ལས་ཁུངས་ཁག་གི་སྐོར་གནས་ཚུལ་འཕར་མ།
ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་ཉེན་རྟོག་ལྷན་ཚོགས། (AFP) ནི་ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་ཀྱི་ཉེན་རྟོག་གི་ལས་ཁུངས་གཙོ་བོ་ཡིན་པས། ཁོ་ཚོས་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་མི་ཚང་མའི་བདེ་འཇགས་དང་སྲུང་བྱའི་འགན་ལེན་བྱེད་པར་འགན་གཙོ་བོ་ཡོད།
ཁྱེད་ཀྱི་ཕྱི་རྒྱལ་གྱི་ཐེ་ཇུས་དང་འབྲེལ་བའི་གནས་ཚུལ་ཐད་ཀར་ AFP ལ་རྒྱལ་ཡོངས་ནག་ཉེས་སྙན་ཞུའི་(Opens in a new tab/window)འགེངས་ཤོག་ཐོག་སྙན་ཐོ་གཏོང་རོགས།
གལ་སྲིད་དོན་རྐྱེན་དེར་དྲ་ཐོག་གི་གནོད་འཚེ་ཚབས་ཆེན་ཕོག་ཡོད་ན། དྲ་ཐོག་བདེ་འཇགས་འགན་འཛིན་ལྷན་ཚོགས་ལ་སྙན་ཞུ་ཕུལ་རོགས།
ASIO ཞེས་པ་ནི་ཨོ་སི་ཊོ་ལི་ཡའི་བདེ་སྲུང་གསང་འཕྲིན་ལས་ཁུངས་ཡིན་པས་ཁོ་ཚོས་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་མི་དམངས་ཀྱི་བདེ་འཇགས་ལ་ཉེན་ཁ་མ་འབྱུང་བར་སྲུང་སྐྱོབ་བྱེད་ཀྱི་ཡོད།
ཁྱེད་རང་གིས་ཕྱི་རྒྱལ་གྱི་ཐེ་ཇུས་དང་འབྲེལ་བའི་སེམས་ཁྲལ་སྐོར་ཨོ་སི་ཊོ་ལི་ཡའི་བདེ་སྲུང་གསང་འཕྲིན་ལས་ཁུངས་(ASIO)ཀྱི་ཉེན་བརྡ་སྙན་སེང་དང་། འཇིགས་སྐུལ་སྙན་སེང་། ཡང་ན་སྙན་སེང་ཞུ་འོས་པའི་ལྟ་ཞིབ་ NITRO དྲ་སྒོ་(Opens in a new tab/window)དེ་ནས་སྙན་སེང་ཞུས་ཆོག།