ཕྱི་རྒྱལ་ཐེ་ཇུས་སྙན་སེང་ཞུ་སྟངས་སྐོར།

གལ་སྲིད་ཁྱེད་ཀྱིས་ཕྱི་རྒྱལ་གྱི་ཐེ་ཇུས་ཀྱི་བྱེད་སྒོའི་སྐོར་གནས་ཚུལ་ཤེས་ཀྱི་ཡོད་ན། རྒྱལ་ཡོངས་བདེ་སྲུང་གི་འཕྲིན་ལམ་(Opens in a new tab/window)བརྒྱུད་ནས་སྙན་སེང་ཞུ་བ་གནང་རོགས།

  • ཁ་པར་ཨང་གྲངས། ༡༨༠༠ ༡༢༣ ༤༠༠
  • ཨོ་སི་ཊོ་ལི་ཡ་མིན་པ་ཕྱིའི་རྒྱལ་ཁབ་ནས་ཁ་པར་གཏོང་ཆེད། (+༦༡) ༡༣༠༠ ༡༢༣༤ ༠༡
  • འཕྲིན་ཐུང་གཏོང་ཆེད། ༠༤༩༨ ༥༦༢ ༥༤༩

ཁྱེད་ཀྱི་སྐད་ཡིག་ཐོག་རྒྱབ་སྐྱོར།

གལ་སྲིད་ཁྱེད་རང་ལ་སྐད་བསྒྱུར་དགོས་ན། རྒྱལ་ཡོངས་ཡིག་བསྒྱུར་དང་སྐད་བསྒྱུར་ཞབས་ཞུ་ཚོགས་པ་(Opens in a new tab/window) (TIS National) ལ་ཁ་པར་ཨང་གྲངས་ ༡༣༡ ༤༥༠ ཐོག་འབྲེལ་བ་གནང་རོགས།

རྒྱལ་ཡོངས་ཡིག་བསྒྱུར་དང་སྐད་བསྒྱུར་ཞབས་ཞུ་ཚོགས་པ། (TIS National) ཡིས་ཉིན་ལྟར་ཆུ་ཚོད་ ༢༤ ཁ་པར་ཐོག་སྐད་བསྒྱུར་ཞབས་ཞུའི་མཐུན་རྐྱེན་སྐྲུན་གྱི་ཡོད།

ཁོ་ཚོས་ཁྱེད་ཀྱི་སྙན་ཞུ་གཏོང་རོགས་བྱེད་པར་རྒྱལ་ཡོངས་བདེ་སྲུང་འཕྲིན་ལམ་གྱི་ཁ་པར་ ༡༨༠༠ ༡༢༣ ༤༠༠ ལ་འབྲེལ་བ་བྱེད་ཀྱི་རེད།

ཁྱེད་ཀྱིས་སྙན་ཐོ་ཕུལ་རྗེས།

རྒྱལ་ཡོངས་བདེ་སྲུང་གི་འཕྲིན་ལམ་བརྒྱུད་འབུལ་བའི་སྙན་ཞུ་རྣམས་མིང་མེད་ངང་འབུལ་ཆོག་པ་དང་། དེ་ནས་སྙན་ཞུ་དེ་དཔྱད་ཞིབ་ཆེད་འབྲེལ་ཡོད་ཁྲིམས་སྡེ་ཁག་དང་བདེ་སྲུང་ལས་ཁུངས་སུ་གཏོང་གི་ཡོད།

གནས་ཚུལ་རིགས་གང་ཞིག་ཡིན་ཡང་དེས་ང་ཚོར་ཕན་ཐོགས་ཡོད་པ་དང། གལ་སྲིད་སྙན་ཞུ་དེར་ནོར་འཁྲུལ་ཡོད་ནའང་རྗེས་འབྲས་གང་ཡང་མེད།

ཁྱེད་ཀྱི་སྙན་ཞུའི་ནང་དོན་ཐོག་ལ་ཡ་ལན་དང་གསར་བཅོས་སྐོར་གནས་ཚུལ་འབྱོར་གྱི་མ་རེད། འདི་དཔྱད་ཞིབ་ཀྱི་བརྒྱུད་རིམ་གྱི་སྲུང་བྱ་དང་རྒྱལ་ཡོངས་བདེ་སྲུང་གི་འཕྲིན་ལམ་ཐོག་སྙན་སེང་ཞུ་མཁན་ཚང་མའི་གསང་བ་སྲུང་སྐྱོབ་བྱེད་ཆེད་ཡིན།

འོན་ཀྱང་ཁྱེད་ཀྱི་གནས་ཚུལ་དེ་དག་གལ་ཆེན་པོ་ཡིན་པ་དང་དེ་དཔྱད་ཞིབ་གཞན་གྱི་ཆེད་ཕན་ཐོགས་ཡོད་སྲིད། དེའི་སོང་ཙང་གནས་ཚུལ་ཆུང་ཙག་ཡིན་ནའང་སྙན་ཞུ་འབུལ་བ་ལ་བཀའ་ངལ་རྗེས་འབྲས་གང་ཡང་མེད།

ཕྱི་རྒྱལ་ཐེ་ཇུས་སྙན་སེང་ཞུ་སྟངས་སྐོར།

Sign up

Sign up for news and updates from our agency.