ཨོ་སི་ཊོ་ལི་ཡའི་ནང་འབྲེལ་ལམ་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་ཅིག་གིས་ཨོ་སི་ཊོ་ལི་ཡའི་སྤྱི་ཚོགས་ནང་ཁྱེད་རང་གི་རང་དབང་གི་མཉམ་ཞུགས་དང་བསམ་ཚུལ་བརྗོད་པར་ལ་བཀག་མཚམས་བྱེད་བར་ལས་འགུལ་སྤེལ་སྲིད།
ཨོ་སི་ཊོ་ལི་ཡའི་གཞུང་གིས་གཞུང་ཚབ་པ་དེ་ཚོའི་བྱེད་སྟངས་མ་འགྲིག་པ་ལ་ཧ་ཅང་གིས་གཟབ་ནན་བྱེད་ཀྱི་ཡོད།
ཕྱི་རྒྱལ་གཞུང་གིས་ཨོ་སི་ཊོ་ལི་ཡའི་ནང་ཁོ་ཚོའི་ཁེ་ཕན་དོན་གཉེར་བྱེད་དགོས་ན། ཁོ་ཚོས་ང་ཚོའི་མི་དམངས་དང་སྤྱི་ཚོགས། དམངས་གཙོའི་ལམ་ལུགས་བཅས་ལ་བརྩི་བཀུར་ཡོད་པ་དང་ཕྱི་གསལ་ནང་གསལ་ཡིན་པར་ཞིག་བྱེད་དགོས།
ཕྱི་རྒྱལ་གཞུང་གི་སྐུ་ཚབ་ཚོས་ཨོ་སི་ཊོ་ལི་ཡའི་ནང་མི་མང་ལ་ལྟ་རྟོག་དང་། གནོད་འཚེ་གཏོང་བ། འཇིགས་སྐུལ་བྱེད་པ། ཡང་ན་མི་སྒེར་ཞིག་ལ་ཕྱི་རྒྱལ་གཞུང་གི་ཁེ་ཕན་འཕེལ་རྒྱས་གཏོང་དགོས་པའི་བཙན་བཀའ་གཏོང་བ་འགྲིག་གི་མེད།
གལ་སྲིད་ཁྱེད་རང་ལ་ཨོ་སི་ཊོ་ལི་ཡའི་ནང་གི་ཕྱི་འབྲེལ་དང་གཞུང་ཚབ་དོན་གཅོད་ཁང་གི་ལས་བྱེད་པའི་བྱེད་སྟངས་འོས་འཚམས་མིན་པའི་སྐོར་ལ་སེམས་འཚབ་ཡོད་ན། ཕྱི་འབྲེལ་དང་ཚོང་དོན་ལས་ཁུངས་ཀྱི་སྒྲིག་གཞིའི་ཡན་ལག་ལ་སྙན་ཞུ་འབུལ་དགོས།: protocol.branch@dfat.gov.au