ཕྱི་རྒྱལ་དུ་འགྲུལ་བཞུད་བྱེད་སྐབས།

ཕྱི་རྒྱལ་གྱི་ཐེ་ཇུས་འོག་ཏུ་ཚུད་པའི་མི་སྒེར་ཞིག་ཕྱི་རྒྱལ་དུ་འགྲུལ་བཞུད་བྱེད་སྐབས་ཞིབ་བཤེར་ནན་པོ་བྱེད་པའི་དམ་བསྒྲགས་ཆེ་བ་ཡོད་སྲིད།

ཕྱི་རྒྱལ་དུ་ནང་མི་དང་གྲོགས་པོ་ཚོར་བལྟ་བར་འགྲོ་སྐྱོད་བྱེད་སྐབས་ཉེན་ཁ་འགའ་ཞིག་འཕྲད་སྲིད་མ་སྲིད་དེ་ཁྱེད་རང་འགྲོ་སྐྱོད་བྱེད་སའི་རྒྱལ་ཁབ་ལ་རག་ལུས་ཀྱི་ཡོད། དེའི་ནང་ཉེན་ཁ་ནི་ཁྲིམས་འགེལ་ལས་བྱེད་པས་འཇིགས་སྐུལ་བྱེད་པའམ་ཡང་ན་མཁོ་མེད་དྲི་བ་འདྲི་བ། ཁྱེད་རང་གི་སྒེར་གྱི་གློག་ཆས་འཚོལ་ཞིབ་བྱེད་པ། ལྟ་ཞིབ་བྱེད་པ་དང། ཡང་ན་བཀག་ཉར་དང་བཙོན་འཇུག་བྱེད་པ་སོགས་ཚུད་ཡོད།

རྒྱལ་ཁབ་ཁ་ཤས་ནང་ཨོ་སི་ཊོ་ལི་ཡའི་གཞུང་འབྲེལ་མི་སྣ་ཚོས་ཕྱི་འབྲེལ་རོགས་སྐྱོར་བྱེད་པའི་ནུས་ཚད་ཆུང་བ་ཡོད་སྲིད། རྒྱལ་ཁབ་གཉིས་ཀྱི་མི་སེར་ཡིན་པའི་གནས་སྟངས་ལ་ཨོ་སི་ཊོ་ལི་ཡའི་གཞུང་འཛིན་མི་སྣས་ཕྱི་རྒྱལ་དུ་གཞུང་ཚབ་ཀྱི་རོགས་རམ་ཇི་ལྟར་དང་ག་དུས་སྤྲོད་ཐུབ་མིན་ལའང་ཤུགས་རྐྱེན་ཐེབས་སྲིད། གལ་སྲིད་ཁྱེད་རང་ཁྱེད་རང་གི་རྒྱལ་ཁབ་གཞན་དེ་ལ་ཡོད་པ་ཡིན་ན། ཁོང་ཚོའི་གཞུང་གིས་ཨོ་སི་ཊོ་ལི་ཡའི་གཞུང་ལ་རོགས་རམ་བྱེད་རུ་འཇུག་མི་སྲིད།

འགྲུལ་བཞུད་ཐད་ཨོ་སི་ཊོ་ལི་ཡའི་གཞུང་གི་ལམ་སྟོན།

སི་མཱཊ་ཊ་རཱ་ཝེ་ལར་(Smartraveller) གྱི་དྲ་ཚིགས་(Opens in a new tab/window)ནང་འགྲོ་སའི་གནས་ཡུལ་ ༡༧༥ ལྷག་ཙམ་ཆེད་འགྲུལ་བཞུད་ལམ་སྟོན་ཡོད་པ་དང། དྲ་རྒྱའི་སྲུང་བྱ།(Opens in a new tab/window) མཁས་དབང་(Opens in a new tab/window)དང་གསར་འགོད་པ་(Opens in a new tab/window)དེ་བཞིན་འགྲུལ་བཞུད་སྐབས་བདེ་འཇགས་ངང་གནས་ཐབས་ཀྱི་སྤྱིར་བཏང་གི་ལམ་སྟོན་ཡང་འཚོལ་ཞིབ་གནང་རོགས།

ཁྱེད་རང་གི་འགྲོ་ཡུལ་གྱི་ས་ཆའི་ཆེད་དུ་དང་ལྷག་པར་དུ་ཡུལ་སྐོར་བྱེད་མི་ཆོག་པའི་ས་ཁུལ་ཡིན་ན་སི་མཱཊ་ཊ་རཱ་ཝེ་ལར་(Smartraveller)གྱི་འགྲུལ་བཞུད་སྐོར་བསླབ་བྱ་(Opens in a new tab/window)དེ་དག་ག་དུས་ཡིན་ཡང་གཟབ་ནན་བྱས་ནས་ཀློག་ནས་བསླབ་བྱ་དེ་ཚོར་སྲུང་བརྩི་གནང་དགོས།

ཁྱེད་རང་མ་འགྲོ་གོང་དང་ཡང་ན་ཁྱེད་རང་ཕྱིར་ལོག་པའི་སྐབས་ལ་འགྱུར་བ་གང་ཡང་བྱུང་ཚེ་སི་མཱཊ་ཊ་རཱ་ཝེ་ལར་(Smartraveller)གྱི་འགྲུལ་བཞུད་བསླབ་བྱའི་རིན་མེད་གསར་འགྱུར་(Opens in a new tab/window)འབྱོར་བར་ཐོ་འགོད་གནང་རོགས།

ཕྱི་རྒྱལ་དུ་འགྲུལ་བཞུད་བྱེད་སྐབས།

Sign up

Sign up for news and updates from our agency.