གནས་ཚུལ་འཁྱོག་བཤད།

དམིགས་ཡུལ་བཟུང་ཏེ་གནས་ཚུལ་རྫུན་མ་ཁྱབ་སྤེལ་གཏོང་བ་ལ་གནས་ཚུལ་འཁྱོག་བཤད་ཟེར།

ཕྱི་རྒྱལ་གཞུང་གིས་རང་གི་ཁེ་ཕན་གྱི་དོན་དུ་གནས་ཚུལ་འཁྱོག་བཤད་བེད་སྤྱོད་བྱེད་སྲིད། འདིས་མི་སྒེར་དང་སྤྱི་ཚོགས་ལ་གནོད་སྐྱོན་ཕོག་སྲིད།

གནས་ཚུལ་འཁྱོག་བཤད་ཡིན་པ་ངོས་འཛིན་གང་ལྟར་བྱེད་དགོས་སམ།

གནས་ཚུལ་འཁྱོག་བཤད་ཡིན་མིན་ཐག་གཅོད་གནང་དགོས་ན་ཁྱེད་རང་སོ་སོར་འདྲི་བ་གང་འདྲིས་དགོས་པ་གཤམ་གསལ་གཟིགས།

  • གནས་ཚུལ་འདི་ཡིད་རྟེན་འཕེར་བའི་ཁུངས་ནས་ཐོན་པ་ཞིག་དང་ཡིད་རྟེན་རུང་བའི་གསར་འགྱུར་དྲ་ཚིགས་གཞན་དག་གིས་ར་སྤྲོད་བྱས་ཡོད་པ་ཞིག་རེད་འདུག་གམ།
  • འདིས་འཚོར་ཤུགས་དྲག་པོའི་སྐད་ཆ་བེད་སྤྱོད་བྱེད་པ་དང་དོན་དངོས་གནས་ཚུལ་སོགས་ཡང་ན་དཔང་རྟགས་གང་ཞིག་མེད་པར་བཟོ་ཡི་འདུག་དམ།
  • འདིར་ཕྱོགས་ལྷུང་མངོན་གསལ་དོད་པོ་ཡོད་པའམ་ཡང་ན་འདིས་ལྟ་ཚུལ་མི་འདྲ་བ་རྣམས་ལ་བསམ་གཞིག་བྱེད་ཀྱི་ཡོད་མིན།

སོ་སོར་འདྲི་བ་གང་འདྲིས་དགོས་པ་གཤམ་གསལ་གཟིགས།

  • འདིས་ཐ་སྙད་ལས་སླ་བོ་བེད་སྤྱོད་བྱེད་ཀྱི་ཡོད་མིན་ཡང་ན་དཀའ་རྙོག་ཅན་གྱི་གནད་དོན་སྐོར་གྲོས་བསྡུར་བྱེད་སྐབས་འཚོར་ཤུགས་ལྡན་པའི་ཐ་སྙད་བེད་སྤྱོད་བྱེད་ཀྱི་ཡོད་མིན།
  • དོན་དངོས་གནས་སྟངས་ལ་མ་བསྟུན་པའམ་ཡང་ན་ངོས་ལེན་མེད་པར་གཞི་མེད་ཀྱི་བསམ་ལུགས་ནོར་བ་བེད་སྤྱོད་བྱེད་ཀྱི་ཡོད་མིན།
  • གནས་ཚུལ་ནོར་བའམ་ཡང་ན་དུས་ཚོད་ཡོལ་བའི་གནས་ཚུལ་བེད་སྤྱོད་བྱེད་ཀྱི་ཡོད་དམ་མིན།
  • དོན་དངོས་གནས་ཚུལ་ལ་གཙོ་བོ་མ་དམིགས་པར་འུར་གཏམ་སྒྲོག་པའི་འགོ་བརྗོད་བེད་སྤྱོད་བྱེད་ཀྱི་ཡོད་དམ་མིན།
  • དག་ཆ་ནོར་བའམ་ཡང་ན་བརྡ་སྤྲོད་ནོར་བ་བེད་སྤྱོད་བྱེད་ཀྱི་ཡོད་དམ་མིན།
  • སྤུས་ཚད་དམའ་བའི་པར་རིས་སམ་ཡང་ན་བཟོ་བཅོས་བྱས་འདྲ་བའི་པར་རིགས་བེད་སྤྱོད་བྱེད་ཀྱི་ཡོད་མིན།

 

དྲ་ཐོག་བདེ་འཇགས་འགན་འཛིན་ལྷན་ཚོགས་(Opens in a new tab/window)ཀྱི་དྲ་ཚིགས་རྒྱུད་ཁྱེད་ཀྱི་གསར་འགྱུར་གྱི་རྫུན་གཏམ་ངོས་འཛིན་བྱེད་ཆེད་ཆ་འཕྲིན་ཐོན་ཁུངས་ཁག་རྙེད་ཐུབ།

འོས་བསྡུའི་སྐོར་རྫུན་གཏམ།

གསང་བའི་ངང་གནས་ཚུལ་འཁྱོག་བཤད་རྒྱུད་མི་དམངས་ཀྱི་ལྟ་ཚུལ་དང་སྤྱོད་ལམ་ལ་ཤུགས་སྐྱེན་སྤྲོད་བར་འབད་བརྩོན་བྱས་པ་དེས། ཨོ་སི་ཊོ་ལི་ཡའི་འོས་བསྡུའི་དྲང་བདེན་གྱི་རིན་ཐང་ཡོད་པ་དེ་ཉམས་ཆག་གཏོང་སྲིད།

འོས་བསྡུའི་དྲང་བདེན་སྲུང་བའི་ལས་གཞིའི་ཚོགས་པས་(Opens in a new tab/window)གནས་ཚུལ་འཁྱོག་བཤད་སྐོར་དོན་དངོས་ཤོག་བྱང་ཞིག་པར་སྐྲུན་བྱས་ཡོད།

ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་འོས་བསྡུའི་སྐོར་གྱི་གནས་ཚུལ་འཕར་མ་རྣམས་རྒྱབ་སྐྱོར་འཕར་མའི་ དྲ་ཐག་བརྒྱུད་འཚོལ་རྙེད་གནང་རོགས།

གནས་ཚུལ་འཁྱོག་བཤད།

Sign up

Sign up for news and updates from our agency.